དྲིན་ཆེན་ཨ་མ་ཕུལ་བའི་ངག་།།
ཨེ་མ་མི་ཡུལ་དུ་འབྱོར་དུས་།
ཟང་ཟིང་འཇིག་རྟེན་གྱི་བཏུམ་བཞག་།
མི་རྐྱང་ཨ་མ་ཞིག་དྲན་དུས་།
རང་བཞིན་མིག་ཆུ་ཞིག་ཤོར་བྱུང་།
སྐུ་གཟུགས་ཐང་ཐང་དུ་བཞུགས་ནས་།
གསུངས་ཆོས་མང་མང་ཞིག་གསན་རོགས་།
ཐུགས་སེམས་སྐྱོ་སྐྱོ་རང་མ་གནང་།
ཁྱེད་ཅག་ཐག་རིང་དུ་བཞུགས་དུས།
ཉིན་ཞག་ལྷང་ལྷང་དུ་འགྲོ་གྱིས་།
ཁྱེད་ཅག་གསེར་བསླབ་ཞིག་དྲན་དུས།
སེམས་ནང་དགའ་ཚོར་ཡང་སྐྱེས་གྱིས་།
བདག་ལ་ནུས་པ་ཞིག་གནང་བས་།
ཨ་མ་བློ་བཟང་དུ་ཕུལ་བས།
སྙན་ངག་ཆུང་ཆུང་འདི་བཞེས་ནས་།
སེམས་ནང་དགའ་བ་ཡང་སྐྱེས་རོག་།
དེ་དུས་ཁོ་བོ་ང་རང་ཡང་བཙེ་བས་ཨ་མ་དེ་དྲན་དུས་།།
No comments:
Post a Comment