Friday, 19 July 2013

kyodung kyi remoen....

 
སྐྱོ་གདུང་གི་རེ་སྨོན་་་་་་་

ཚེ་སྔོན་ཅི་ལས་བསགས་ནས།
ད་ལྟའི་ལུས་ལ་ལན་ཡིན།
མི་ཚེ་དེ་འདྲ་ཞིག་ཡོད་ན།
བུ་ང་སླེབས་ཞིག་མ་རེད།

དེ་འདྲ་ཡ་མཚན་གྱི་འཇིག་རྟེན།
དེ་འདྲ་ལྟ་ཁྲག་གི་མི་སྣ།
ཉིན་རེ་སྐྱིད་སྟུག་གི་མྱོང་ཚོར།
དེ་འདྲ་ཅི་ལས་ཞིག་རེད་དམ

སྤྱི་ཚོགས་ཆུང་ཆུང་ནང་དུ་།
འཁྲུག་འཇིན་སླར་ཡང་ཡོང་བ།
མཐུན་སྒྲིལ་གཅིག་སྒྲིལ་ཞིག་མེད་པ།
མི་ཚེ་ཇི་ལྟར་ཞིག་སྐྱེལ་སམ།

བོད་མི་རེ་རེ་གཞི་བཟུང་།
སེམས་ནང་གོང་ས་སྒོམ་ནས་།
གཅིག་སྒྲིལ་རྣམ་པར་བསྟོན་ནས་།
གཟི་བརྗིད་རྣམ་པར་ཞིག་བསྟོན་རོག་།

དངོས་བློ་བསྟན་ནམ་
 

No comments:

Post a Comment