གུང་གསེང་གི་དུས་སྐབས་།
བུན་ཏར་མཐོ་སློབ་ནས་ཐོན་རྗེས་།
རྒུན་ནས་སླེབས་ཡ་ཞིག་མེད་པས་།
བདག་གི་སྐྱེས་ས་དེ་དྲན་བྱུང་།
བྱེད་ཡ་གཅིག་རྐྱང་ཞིག་མེད་པར་།
ཉིན་ཞག་ལྷང་ལྷང་དུ་འགྲོ་གྱིས་།
ག་དུས་འབྱོར་ཡོང་ཞིག་བསམ་ནས་།
ད་ནི་འུ་རེ་ཞིག་ཐུག་བྱུང་།
དེ་འདྲ་ཉོབ་སྣང་གྱི་དུས་འཁོར་།
མྱུར་དུ་ས་གནས་དེ་སླེབས་པར་།
སྨོན་ལམ་སྙིང་ཁོང་ནས་འདེབས་ཡིན་།
དེ་རིང་མི་རྐྱང་གིས་བུ་ཆུང་ང་།
བྱེད་ཡ་གཅིག་རྐྱང་ཞིག་མི་འདུག་།
སྙན་ངག་ཆུང་ཆུང་འདི་བྲིས་ནས་།
སེམས་ནང་བེད་སྐྱིད་ཞིག་སྤྲད་བྱུང་།
གུན་ཁ་གུང་གསེང་སྐབས་ལམ་ལ་ལྕགས་འཁོར་རླང་འཁོར་ལ་སྙན་ངག་འདི་བྲིས་པ་ལགས་སོ་།།
No comments:
Post a Comment