ལ་ཁའི་ཞིང་ཁམས་།།
རི་བོ་མང་པོ་ཞིག་རྒྱབ་ནས་།
ནང་མི་མང་པོ་ཅིག་གཡུག་འཁྱེར་།
རེ་བ་མང་པོ་ཞིག་ཉར་ནས་།
ལྷོ་ཕྱོགས་འཕགས་ཡུལ་དུ་འབྱོར་སོང་།
གདུང་བ་ཧ་ཅང་གིས་འཕྲད་ཀྱང་།
ལུས་པོ་ཤིང་རིང་ལ་འགྱུར་སོང་།
འཆི་བས་རྐེད་མཚམས་ལ་སླེབས་དུས་།
སེམས་པ་བོད་ལྗོངས་ལ་འཕུར་སོང་།