Saturday, 27 April 2013

ཟུང་ཁྲག་གི་ཞིང་ཁམས་།།

                                        
                                             ཟུང་ཁྲག་གི་ཞིང་ཁམས་།།
                
                   སྤྱན་རས་གཟིགས་ཀྱི་ཕྱག་དབང་འོག་།
                   ཡིད་འོང་ལྟན་པའི་བོད་ལྗོངས་ཆགས་།
                   ཚེས་སྔོན་ལས་ཀྱིས་སྨོན་ལམ་ལས་།།
                   སྙིང་རྗེ་ཆེ་བས་བོད་ཕྲུག་སྐྱེས་།།

                   མི་རིགས་གཞན་དང་མི་འདྲ་བའི་།།
                   ཁྱོད་ཆོས་མང་ཞིང་ཡོད་ན་ཡང་།།
                   ཉམས་ཆུང་ངང་ནས་ཞུགས་པ་དེ་།།
                   དམིགས་བསལ་བོད་པའི་ཁྱོད་ཆོད་ཡིན་།།


                   ནམ་མཁའ་སྔོན་ཞིང་ས་ལྗང་ཁུ་།།
                   སྤྲིན་པ་དཀར་བཞིན་སེམས་དཀར་པོ་།།
                   རླུང་པོ་གཙང་བཞིན་མི་གཙང་མ་།།
                   འཇིག་རྟེན་ཡོངས་ཀྱི་ནོར་བུ་ཡིན་།།

                  ནོར་བུ་རྒྱ་ཡིས་མིག་གཟུགས་ཞིང་།།
                  ནོར་བུ་བ་ཡིས་གཙོག་ལ་འགྱུར་།།
                  ནོར་བུ་ཁྲག་ཡིས་བཏུམ་པ་བཞིན་།།
                  ནོར་བུ་རིན་ཐང་སླག་པར་འགྱུར་།།

                  རང་བཙན་ཤོར་བས་དུས་ནས་བཟུང་།།
                  ཁྲག་ཆུ་མང་ཞིང་འབབ་པར་འགྱུར་།།
                  ཁྲག་ཆུ་མཚོ་ལ་ཁེངས་པ་བཞིན་།།
                  མིག་ཆུ་མཚོ་ལས་འགྲན་ཐབས་མིན་།།

                 ཆོས་ལྟན་ཞིང་དེ་དྲག་ལ་འགྱུར་།།
                 མིག་ལེགས་ཞིང་དེ་མེ་ལ་ཡལ་།།
                 ཡིད་འོང་བོད་དེ་མི་ལ་ཤོར་།།
                 སེམས་པ་ཆགས་པ་བོད་ཕྲུག་ཉིད་།།

                རང་སྲེག་བཏང་ནས་ཞི་རྒོལ་བྱེད་།།
                ནག་ཤེལ་གྱོན་ནས་མི་མཐོང་བྱེད་།།
                མི་ལུས་གཅིག་པ་ཡིན་ན་ཡང་།།
               མཛའ་བཙེ་བསམ་པ་མིན་འདུག་ལགས་།།

               གུང་འདྲེན་བོད་ལ་མནར་གཅོད་བྱེད་།།
              གཞི་ལུས་སྤུན་ནས་མ་ནས་འབྲེང་།།
              འཆི་བས་མི་རྣམས་གྲངས་རྒྱབ་དུས་།།
              འཇོན་ཐང་མེད་པའི་འཚོ་བ་སྐྱེས་།

             འུ་ཅག་ངང་ནས་མི་ཚེས་སྐྱེལ་།།
             འུ་ཅག་བཏོད་པའི་གུང་འདྲེན་དག་།།
            འུ་ཅག་ངུ་བའི་སྙན་ངག་དེ་།།
            སྤྱན་རས་གཟིགས་ཀྱི་གཟིགས་རོགས་གནང་།།   

  
                   

No comments:

Post a Comment