Saturday, 27 April 2013

ཟུང་ཁྲག་གི་ཞིང་ཁམས་།།

                                        
                                             ཟུང་ཁྲག་གི་ཞིང་ཁམས་།།
                
                   སྤྱན་རས་གཟིགས་ཀྱི་ཕྱག་དབང་འོག་།
                   ཡིད་འོང་ལྟན་པའི་བོད་ལྗོངས་ཆགས་།
                   ཚེས་སྔོན་ལས་ཀྱིས་སྨོན་ལམ་ལས་།།
                   སྙིང་རྗེ་ཆེ་བས་བོད་ཕྲུག་སྐྱེས་།།

                   མི་རིགས་གཞན་དང་མི་འདྲ་བའི་།།
                   ཁྱོད་ཆོས་མང་ཞིང་ཡོད་ན་ཡང་།།
                   ཉམས་ཆུང་ངང་ནས་ཞུགས་པ་དེ་།།
                   དམིགས་བསལ་བོད་པའི་ཁྱོད་ཆོད་ཡིན་།།

Wednesday, 10 April 2013

          
                       རྒྱ་མཚོ་ཡིས་སྙིང་གཏམ།།
བུ་  
     འཛམ་གླིང་ཆུང་ཆུང་འདི་ནང།
     མཛེས་མ་མང་པོ་མཐོང་ཆུང།
     བདག་གི་སྙང་ཆུང་གྲོགས།
     རང་གི་ཁོག་ནང་འཁྲུངས་བཞག།

བུ་མོ་
     ལོ་ངོ་ཉི་ཤུ་འགྲོ་སོང།
     ཕོ་ས་ཛིག་ཛིག་མཐོང་བྱུང།
     ཡི་གེ་མང་པོ་སླེབས་བྱུང།
     ཚང་མ་ཡ་མེད་བཏང་ཡིན།

བུ་
    མཛེས་མ་རླུང་ཚུབ་མ་བྱེད།
    དེ་འདྲ་རང་དང་མ་གསུངས།
    ཚང་མ་ཡ་མེད་བཏང་ན།
    ཉིན་གཅིག་གཅིག་པོ་ལྷག་ཡོང།

བུ་མོ་
     སྨྱོན་ཕྲུག་མགོ་གསེར་ཁྱེད་རང།
     ཡག་མདོགས་ཁ་པོ་མ་བྱེད།
     བུ་མོ་ཚང་མའི་ལག་ནས།
     ཐོར་བ་ཟས་ཡ་ཡིན་པས།
བུ་
     ཐོར་བ་མགོ་ལ་བཟས་ཡིན།
     ཐོར་བ་སྙིང་ལ་བཟས་མིན།
     སྙིང་ལ་ཐོར་བ་བཟས་ན།
     ད་ཆ་ཁྱོད་རང་མཇལ་མེད།


བུ་མོ་
     ཇས་ཀྲིན་འདྲ་བའི་རྣམ་པ།
     གངས་དཀར་འདྲ་བའི་སེམས་པ།
     སལ་མན་འདྲ་བའི་སྐུ་གཟུགས།
     བུ་མོ་མི་རག་གང་རེད།

བུ་
    བུ་མོ་ཀྲོག་ཀྲོག་ཁྱོད་རང།
    སྦོར་ཤོས་དེ་འདྲ་མ་བཤད།
    ཡི་གེ་ང་ལའང་སླེབས་བྱུང།
    ཡིན་ཡང་གུ་སིམ་བསྟད་ཡིན།
བུ་མོ་
    ཨ་ལས་དེ་འདྲ་ཡིན་ན།
    ད་དན་རང་ལ་རླགས་རྒྱུགས།
    གུ་སིམ་གཏིང་ནག་ཁྱེད་རང།
    རྙོག་གྲ་མང་པོ་མ་བཤད།
བུ་
   ཤ་ཚ་ན་མོ་ཁྱོད་རང།
   སྙིང་ཆུང་ཁྲག་བཏང་སོང།
   ཉིན་གཅིག་འགྱོད་པ་སྐྱེད་དུས།
   དེ་དུས་ཡ་ང་སྒུག་ཡོད།
བུ་མོ་
    སྐད་ཆ་དེ་འདྲ་ཀྲག་པོ།
    ཨམ་ཅོག་ནང་དུ་མི་འགྲོ།
    རྨི་ལམ་ནང་དུ་མི་ཤར།
    དེ་ལས་ཁྱེད་རང་ཕེབས་རོགས།

མཐར་ཐུག་བུ་དེ་དཔྲལ་བས་མིག་གཉིས་ནས་མཆི་མས་རྒྱུན་ནས་དབང་མེད་དུ་བཞུར་འོངས་སྟེ་
  གང་བྱེད་གང་ཐབས་མེད་ཞིང་  རང་ཉིད་གཅིག་པོ་ཆིག་ལབ་དང་འཁང་ར་བྱེད་ནས་རྐང་ལམ་ཕྲ་མོ་ལ་ཚིག་དེ་སྐད་སྨྲད་སོ་
                 
                     མི་ཚེ་ཆུང་ཆང་འདི་ནང།
                     གཅིག་པོ་འགྲོ་འདོད་མི་འདུག།
                     ཁྱེད་དང་མཉམ་དུ་གཤིབས་ནས།
                     མི་ཚེ་སྐྱེལ་འདོད་བྱུང་སོང།
                     མི་བཟློག་སྲིད་པའི་ཆོས་ཉིད།
                     རང་ཉིད་གང་དགོས་མི་འགྲུབ།
                      ད་སྟ་བསམ་ཞིག་བསམ་ན།
                      མི་ཚེ་སྙིང་པོ་མི་འདུག།
ཁྱད་ཀློག་པ་པོ་རྣམས་ལ་སྙིང་གཏམ་འདི་ཀློག་ནས་ག་ལེར་སེམས་ཀྱི་རྒྱ་མཚོ་ནང་ལ་བདེ་སྐྱིད་ནམ་མཁའ་ལྟ་བུ་ལྷུང་པའི་སྨོན་ལམ་ཡོད།།